བཀའ་བརྒྱུད་དྲ་བར་ཕེབས་བསུ་ཞུ།
དཔྱད་རྩོམ།
རྗེ་དུས་གསུམ་མཁྱེན་པའི་གསུང་མགུར།
རྩོམ་ཁུངས། | རྩོམ་པ་པོ།སྤྱན་སྔ་ཆེ་ཚང་། | སྤེལ་དུས། 2020-11-05 | 468 བཀླགས་གྲངས། | 分享到:
རྡོ་རྗེ་འཆང་དང་དབྱེར་མེད་པའི།།
བླ་མ་རྣམས་ལ་ཕྱག་འཚལ་ལོ།།
ང་སྤྲང་པོའི་དྲན་པ་འདི་ལྟར་ཤར།།
འཁོར་བ་རང་བཞིན་མེད་པར་ཤེས།།
ཆོས་བརྒྱད་བརྩེག་པའི་བློ་དང་བྲལ།།

རྡོ་རྗེ་འཆང་དང་དབྱེར་མེད་པའི།།

བླ་མ་རྣམས་ལ་ཕྱག་འཚལ་ལོ།།

ང་སྤྲང་པོའི་དྲན་པ་འདི་ལྟར་ཤར།།

འཁོར་བ་རང་བཞིན་མེད་པར་ཤེས།།

ཆོས་བརྒྱད་བརྩེག་པའི་བློ་དང་བྲལ།།

མྱ་ངན་འདས་པ་ལོག་ན་མེད།།

སངས་རྒྱས་རང་གི་སེམས་ལ་རྙེད།།

གྲུབ་པ་ཐོབ་འདོད་བློ་དང་བྲལ།།

རྟོག་པ་ཆོས་སྐུའི་རང་བཞིན་ལ།།

བཟང་ངན་འབྱེད་པའི་བློ་དང་བྲལ།།

སྲིད་ཞི་དབྱེར་མེད་དོན་གཅིག་རྟོགས།།

ས་སྐབས་དབྱེ་བའི་བློ་དང་བྲལ།།

ཕྱག་རྒྱ་བཞི་ལྡན་དོན་གཅིག་རྟོགས།།

དགག་སྒྲུབ་གཉིས་ཀྱི་བློ་དང་བྲལ།།

བདེན་གཉིས་དབྱེར་མེད་དོན་གཅིག་རྟོགས།།

ལམ་ལྔ་བགྲོད་པའི་བློ་དང་བྲལ།།

སེམས་ཉིད་ཆོས་སྐུའི་རང་ས་ཟིན།།

ས་ཚུགས་བཟུང་བའི་བློ་དང་བྲལ།།

གཅིག་ཤེས་ཀུན་གྲོལ་རྟོགས་པ་སྐྱེས།།

ཐོས་བསམ་ཟེར་བའི་བློ་དང་བྲལ།།

གཟུགས་སྣང་སྒྱུ་མའི་ལུས་སུ་ཤེས།།

གཅེས་པར་འཛིན་པའི་བློ་དང་བྲལ།།

སྒྲ་གྲག་སྟོང་ཤེས་པའི་གོ་བ་བྱུང་།།

(བཤེ་བསྐུར)་ལ་འཁྲུགས་པའི་བློ་དང་བྲལ།།

རང་སར་བཞག་པའི་ཆོས་ཉིད་ལ།།

ཐུན་མཚམས་དབྱེ་བའི་བློ་དང་བྲལ།།

ཁོ་བོའི་སེམས་ལ་འདི་ལྟར་གདའ།།

བུ་ཡང་འདི་ལྟར་མཁྱེན་པར་མཛོད།།

          ཅེས་ཉེ་གནས་ཡོན་ཏན་འོད་ལ་འདི་ལྟར་གདམས་སོ།།

སྔོན་མ།:
རྗེས་མ:
བཀའ་བརྒྱུད་གསེར་ཕྲེང་།