འདི་ལོ་ནི་བཀའ་བརྒྱུད་སྨོན་ལམ་ལ་མཚོན་རྟགས་གསར་པ་ཞིག་བཟོསཡོད་པས་ངས་དེའི་ཡོངས་ཁུངས་དང་ནང་དོན་ལ་འགྲེལ་པ་ཞིག་ཞུ་རྒྱུ་ཡིན། ནམ་རྒྱུན་འཚོ་བའི་ནང་ངར་ཚོར་སྣང་འདི་འདྲ་ཞིག་བྱུང་བ་སྟེ། ངས་རང་ཉིད་རང་བྱུང་ཁམས་ལ་ཤིན་ཏུ་ཤ་ཚ་ཞིང་། ངས་རང་བྱུང་གི་འབྱུང་བཞིས་ཀྱང་ཕན་ཚུན་གླེང་མོལ་བྱེད་པའི་ཚོར་སྣང་ཞིག་སྐྱེ་བཞིན་འདུག ཨ་ཅང་ཅང་གནས་ཚུལ་འདི་སུར་བཤད་རུང་རྨོངས་དད་ཅིག་ལས་དོན་དངོས་ཤིག་ལ་སུས་ཀྱང་བརྩི་མི་སྲིད། ཡིན་ནའང་དེ་ནི་ངའི་དངོས་བྱུང་གི་ཚོར་སྣང་ལས་གཟུགས་མེད་གྲིབ་སོར་བཏབ་པ་ནི་ཡེ་ནས་མིན།
འཛམ་གླིང་འདིར་མིའི་རིགས་བྱུང་བ་ནས་བཟུང་ད་བར་ལོ་ངོ་དུང་ཕྱུར་མང་པོ་སོང་ཡང་། ངེད་ཚོ་འཚོ་ཞིང་གནས་པའི་རང་བྱུང་ཁམས་དེས་མིའི་རིགས་ལ་ཐོན་རྫས་མང་པོ་ཞིག་མཁོ་འདོན་གནང་ཡོད་མོད། འོན་ཀྱང་མགོ་ནག་མིས་ད་བར་རང་བྱུང་ཁམས་ལ་དྲིན་ལན་ཇི་ཙམ་འཇལ་རྒྱུ་བྱུང་ཡོད་དམ། བསམ་བློ་ཞིབ་མོར་བཏང་ཚེ་ད་ལྟ་ངེད་ཚོས་བེད་སྤྱོད་བྱེད་བཞིན་པའི་ཅ་དངོས་ཀྱི་བརྒྱ་ཆ་དགུ་བཅུ་གོ་དགུ་ནི་རང་བྱུང་གི་ཐོན་རྫས་དང་ཁ་བྲལ་ཐབས་མེད། མདོར་ན་སའི་གོ་ལས་ང་ཚོ་མི་རབས་ནས་མི་རབས་མང་པོར་ཕན་བདེ་བསྐྲུན་ཡོད། འོ་ན། མི་ག་ཚོད་ཀྱིས་བཀའ་དྲིན་དེ་དག་སེམས་དབུས་སུ་བཅངས་ཡོད་དམ། འོན་ཀྱང་མི་རྣམས་ཀྱིས་གོ་ལ་འདི་བེད་སྤྱོད་དུ་བྱས་པ་མ་གཏོགས་རང་བྱུང་ཁམས་འདིར་ཕན་པ་སྒྲུབ་པ་ནི་ཧ་ཅང་ཉུང་ཞིང་དེ་ལས་ལྡོག་སྟེ་གཅེས་སེམས་དང་སེམས་ཁུར་སྲུང་སྐྱོངས་སོགས་བྱེད་མ་མྱོང་། ཐ་ན་ས་སྟེང་དུ་རྩི་ཤིང་འགའ་སྐྱེས་རུང་དེ་མར་རྩ་བཀོག་ཏུ་གཏོང་ཞིང་ས་ཆ་སྦར་མཐིལ་ཙམ་ཞིག་ལའང་ཁྱོད་ཤི་ང་གསོན་གྱི་འཐབ་པར་བྱེད་པས་ད་ལྟའང་ང་ཚོའི་འཚོ་བའི་ཁྲོད་དུ་གྲངས་ལས་འདས་པའི་ཁྲག་དང་མེའི་ལོ་རྒྱུས་གསལ་ལེར་འཆར་རྒྱུ་ཡོད། མདོར་ན་ངས་གོང་དུ་ཞུས་པ་དེ་དག་དམིགས་ཡུལ་གཅིག་རང་སྟེ་ངའི་བསམ་པར། མིའི་རིགས་ཀྱིས་འཛམ་གླིང་མི་འདོར། འཛམ་གླིང་གིས་མིའི་རིགས་མི་འདོར།
འོན་ཀྱང་ད་ལྟ་སའི་གོ་ལས་ང་ཚོར་འཁོན་ལན་སློག་ཅིང་ཕལ་ཆེར་མི་རིང་བར་ང་ཚོ་བློས་གཏོང་ཡང་བྱེད་སྲིད། སྐབས་དེར་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་དུས་སྔར་བྱས་ལ་འགྱོད་ཀྱང་སུ་ལའང་སྐྱོབ་པའི་ནུས་པ་དེ་མེད།
གལ་ཏེ་ས་གོ་ལ་དེ་མེད་ཚེ་ང་ཚོ་གང་དུ་འཚོ་གནས་བྱེད་དམ། མིའི་རིགས་ཀྱི་རྟག་ཏུ་གོ་ལ་གཞན་ལ་སྤོ་བའི་ཐབས་འཚོལ་གྱིན་ཡོད་འོན་ཀྱང་དེ་ནི་རྒྱུ་ནོར་ལ་མི་ཐོགས་པའི་ཕྱུགས་བདག་ཚོས་བསྒྲུབ་ཐུབ་པའི་ལས་མ་གཏོགས་མི་ཚང་མར་གོ་སྐབས་དེ་ག་ལ་ཡོད། དེས་ན་ང་ཚོས་འཇིག་རྟེན་འདི་སྲུང་སྐྱོབ་བྱ་རྒྱུ་དེ་ཚང་མའི་འོས་འགན་གལ་ཆེན་ཞིག་མ་ཡིན་ནམ།
ད་ལྟའི་ཟང་ཟིང་གི་དུས་འདིར་བྱམས་སེམས་ཀྱི་མི་རིགས་དང་སའི་གོ་ལ་གཉིས་ལག་རྡང་སྦྲེལ་ཏེ་མདུན་སྐྱོད་ཀྱི་དུས་བབ་གལ་ཆེན་ཞིག་ཡིན་པས་འཛམ་གླིང་གིས་མིའི་རིགས་མ་དོར། མིས་འཛམ་གླིང་མ་དོར་ཏེ་ཕན་ཚུན་ལག་ཆུང་གཉིས་མཉམ་དུ་སྦྲེལ་ཏེ་མདུན་བསྐྱོད་བྱེད་དགོས་པ་དེ་མཚོན་རྟགས་འདིའི་གསར་གཏོད་ཀྱི་རིན་ཐང་དང་སྙིང་དོན་གཙོ་བོ་དེ་ཡིན། གཞན་ཡང་མཚོན་རྟགས་དེ་ནི་རྒྱལ་བ་ཀརྨ་པ་སྐུ་ཕྲེང་གོང་མའི་"སྐུ་ཕྲེང་བཅུ་དྲུག་པ"རྨི་ལམ་དུ་མཇལ་བས་ང་གཅིག་པུའི་གསར་གཏོད་མིན། དེ་ནི་ཚེ་སྔོན་དགེ་སྒྲུབ་ཀྱི་འབྲས་བུ་ཞིག་ཀྱང་ཡིན་པས། ངར་ནམ་གནས་ཀྱི་ཡིད་ཆེས་བརྟན་པོ་ཡོད།
རྟགས་དེས་བཀའ་བརྒྱུད་སྨོན་ལམ་མཚོན་ཞིང་རྒྱུ་མཚན་ཅི་ཡིན་ཟེར་ན་བཀའ་བརྒྱུད་སྨོན་ལམ་ནི་འཛམ་གླིང་ཞི་བདེའི་ཆེད་དུ་བསྐོངས་ཚོགས་བྱས་པ་ཡིན་ཞིང་ཚོགས་གཙོའི་སྐབས་ང་ཚོས་འཇིག་རྟེན་འདིར་སྲུང་སྐྱོབ་བྱ་རྒྱུ་དང་སའི་གོ་ལར་གཅེས་སྤྲས་བྱ་རྒྱུའི་དམ་བཅའ་ཞིང་སའི་གོ་ལ་འདི་ནམ་ཡང་མི་ནུབ་པ་དང་འཛམ་གླིང་ཞི་བདེའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་མཁན་གྱི་སྐྱེ་བོ་མི་རེ་ངོ་རེ་མཚོན་ཡོད།
ཡང་སྤོབས་སེམས་ཆེན་པོས་བཤད་ན་མཚོན་རྟགས་འདི་ནི་ངས་དངོས་སུ་བཟོས་པ་ཡིན་ཞིང་དེ་ཡང་གོང་དུ་ཞུས་པ་ལྟར་རང་ཉིད་འཇིག་རྟེན་ཁམས་འདིར་ཤ་ཚ་བའི་ཚོར་སྣང་དྲག་པོ་ཞིག་ཡོད་ཅིང་འཛམ་གླིང་ཞི་བདེ་ནི་ཚང་མའི་བསམ་འདུན་ཡིན་ལ་ངའི་སེམས་ཁོངས་ཀྱི་འབོད་སྒྲ་དང་རེ་སྒུག་དེ་ཡང་ཡིན།
གཞན་ཡང་ངའི་བསམ་པར་གློག་ཆས་ཀྱི་རིགས་ལྟ་བུ་ནི་འཇིག་རྟེན་འདིར་ཤིན་ཏུ་མི་འཚམ་སྙམ་མོད། གང་ཡིན་ཞུས་ན་དོན་དངོས་ཀྱི་འཚོ་བའི་ནང་ང་ཚོའི་ལུས་ཐོག་ཏུ་གློག་དང་འཕྲུལ་ཆས་ཀྱི་རིགས་ཡོད་ཚེ། དུས་རྟག་ཏུ་བེད་སྤྱོད་གཏོང་རྒྱུར་གོམས་གཤིས་སུ་ཆགས་ཤིང་བེད་སྤྱོད་མ་བྱས་ཚེ་བློ་མི་བདེ་བ་མ་ཟད་སེམས་སྟོང་ལྷང་ལྷང་གི་ཚོར་སྣང་ཞིག་རང་བཞིན་དུ་ཤར་ཡོང་ཞིང། དཔེར་ན། "ཁ་པར་དང་གློག་ཀླད། ལྕགས་རྟ། འཕྲུལ་འཁོར་ལྟ་བུའི་རིགས་ཆེ་ཆུང་མི་འདྲ། "དེ་ལྟ་བུའི་གློག་ཆས་དང་འཁོར་རིགས་ནི་རང་བྱུང་ཁམས་ལ་གནོད་འཚེ་ཤིན་ཏུ་ཆེ་བར་བརྟེན་དུས་རྒྱུན་ང་ཚོས་འཚོ་བའི་ཁྲོད་དུ་བེད་སྤྱོད་བྱ་རྒྱུར་ཚོད་འཛིན་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
直貢噶舉在教法與修行上有一獨特傳統,系由代代上師相傳而無間斷,無
ཆོས་བརྒྱུད་དྲ་བ།
རྩོམ་རིག་དྲ་བ།
དམ་ཆོས་དྲ་བ།
དཔེ་མཛོད་དྲ་བ།